购物车0

您购物车暂商品,赶紧选购吧!
<
>
ཀློང་ཆེན་ཆོས་འབྱུང་།
商品总价
(会员等级价V)
普通会员: ¥27.4
新晋会员: ¥28.0
坚赛之星: ¥26.6
市场价格:¥28.0
近期销售量 用户评价:comment rank 3()
浏览历史

商品描述:

商品属性

包装清单

售后服务

加入购物车

 ཀློང་ཆེན་ཆོས་འབྱུང་།

དཔེ་དེབ་ཀྱི་ཆ་འཕྲིན།

སྒྲིག་པ་པོ། ཀློང་ཆེན་རབ་འབྱམས་པ།                              དཔེ་སྐྲུན་ཁང་།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

དཔེ་འསརྟགས། 978-7-80589-008-1                          དཔེ་སྐྲུན་དུས།  ༢༠༡༣ལོའི་ཟླ༦པ།

པར་གཞི། དང་པོ།                                                      དེབ་ཚད། 32k

རིན་གོང་། 28

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཆེས་ཆེར་གསལ་བར་མཛད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་རམ། མཚན་གཞན་ཚུལ་ཁྲིམས་བློ་གྲོས་ཏེ། རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་སྤྱི་ལོ༡༣༠༨ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ སྐུ་བལྟམས། དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་ བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆུ་སྟག་སྤྱི་ལོ༡༣༦༢ལོར་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་པ་ཕྱག་རྩོམ་གནང་། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་སྤྱི་ལོ༡༣༦༣ལོར་དཔལ་བསམ་ཡས་མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །
ཁོང་གི་གསུང་རྩོམ་སྐོར་ལ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་སོ།།

 

དཀར་ཆག

མཆོད་བརྗོད།

སྤྱི་དོན་དང་པོ། འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་ཇི་ལྟར་གནས་ལུགས་ཀྱི་སྐོར།

སྤྱི་དོན་གཉིས་པ། རྒྱལ་བ་སྐུ་གསུམ་གྱི་བསྟན་པ་བྱུང་ཚུལ།

མདོར་བསྟན་པ།

རྒྱས་པར་བསྟན་པ།

ཆོས་སྐུ་བསྟན་པ།

ལོངས་སྐུ་བསྟན་པ།

གསུམ་པ་སྤྲུལ་སྐུའི་བསྟན་པ་བྱུང་ཚུལ།

གནས་ཕུན་སུམ་ཚོགས་པ།

སྟོན་པ་ཕུན་སུམ་ཚོགས་པ།

འཁོར་ཕུན་སུམ་ཚོགས་པ།

བསྟན་པ་ཕུན་སུམ་ཚོགས་པ།

སྤྱི་དོན་གསུམ་པ། བསྟན་པ་རིན་པོ་ཆེ་རྒྱ་གར་དུ་རྒྱས་ཚུལ།

མཚན་ཉིད་རྒྱུའི་ཐེག་པ།

དང་པོ་དགྲ་བཅོམ་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཀའ་བསྡུ་བ་མཛད་ཚུལ།

གཉིས་པ་བཀའི་དགོངས་འགྲེལ་མཁས་པ་རྣམས་ཀྱིས་བསྟན་བཅོས་བརྩམས་ཚུལ།

གསང་སྔགས་འབྲས་བུའི་ཐེག་པ །

དང་པོ་མཚན་ཉིད་རྒྱུའི་ཐེག་པ་དང་གསང་སྔགས་འབྲས་བུའི་ཐེག་པའི་ཁྱད་པར།

གཉིས་པ་འབྲས་བུ་གསང་སྔགས་ཀྱ་ཐེག་པའི་བྱུང་ཚུལ་དངོས་བཤད་པ།

སྤྱི་དོན་བཞི་བ། བོད་གངས་ཅན་གྱི་ཡུལ་དུ་བཀའ་དང་བསྟན་བཅོས་ཇི་ལྟར་བསྒྱུར་ཚུལ།

དང་པོ། ཡུལ་གྲུ་དང་ས་བཅད་ཀྱིས་རྒྱལ་ཁམས་གཏན་ལ་དབབ་པ།

གཉིས་པ། བོད་ཡུལ་གངས་རིའི་ཁྲོད་འདིར་བོད་མི་ཇི་ལྟར་བྱུང་ཚུལ།

གསུམ་པ། རྗེའི་བྱོན་རབས།

བཞི་བ། དམ་པའི་ཆོས་བོད་དུ་བྱུང་ཚུལ།

སྤྱི་དོན་ལྔ་བ། བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་བསྟན་པ།

སྤྱི་དོན་དྲུག་པ། བསྟན་པ་ནུབ་པའི་ཚུལ་བསྟན་པ།

购买记录(近期成交数量0)

还没有人购买过此商品
总计 0 个记录,共 1 页。 第一页 上一页 下一页 最末页

用户评论(共1条评论)

  • wx_15370885583558 ( 2018-10-24 21:32:44 )

总计 1 个记录,共 1 页。 第一页 上一页 下一页 最末页
用户名: 匿名用户
E-mail:
评价等级:
评论内容:
验证码: captcha