购物车0

您购物车暂商品,赶紧选购吧!
<
>
རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་པའི་མེ་ཏོག་ཆུན་པོ་
商品总价
(会员等级价V)
普通会员: ¥60.7
新晋会员: ¥62.0
坚赛之星: ¥58.9
市场价格:¥62.0
近期销售量 用户评价:comment rank 5()
浏览历史

为您推荐

商品描述:

商品属性

包装清单

售后服务

加入购物车

 རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་པའི་མེ་ཏོག་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

དཔེ་དེབ་ཀྱི་ཆ་འཕྲིན།

རྩོམ་པ་པོ། ར་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོ།         དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།

དཔེ་རྟགས། 978-7-105-13898-2                            དཔེ་སྐྲུན་དུས། 2015ལོའི་ཟླ7པ།

པར་གཞི། དང་པོ།                                                     དེབ་ཚད། 16k

རིན་གོང་། 62

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

ར་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོ་ནི་རབ་བྱུང་དགུ་པའི་ས་ཡོས་ཏེ་ཕྱི་ལོ་༡༥༡༩ལོར་ད་ལྟའི་ནང་སོག་ཁུལ་དུ་ཡོད་པའི་གནའ་རབས་ཀྱི་མཁར་སྔོན་པོ་ཞེས་པ་དེར་འཁྲུངས་ཤིང་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དུ་གྲགས།སྐུ་ན་ཕྲ་མོའི་དུས་ནས་དབུས་གཙང་ལ་སློབ་གཉེར་དུ་ཕེབས་ཏེ་རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་།མཁས་པ་མི་ཉག་རྡོ་རྗེ་བཟང་པོ།པཎ་ཆེན་བསོད་ནམས་གྲགས་པ།རྗེ་ངག་དབང་ཆོས་གྲགས།རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་རྣམས་ཚུལ་བཞིན་དུ་བསྟེན་ནས་རབ་འབྱམས་མདོ་རྒྱུད་བསྟན་བཅོས་དུ་མ་ལ་གསན་བསམ་རྒྱ་ཆེར་མཛད།ངག་གི་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བ་ལ་བརྟེན་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་གྱུར།གངས་ཏི་སེ་དང་མ་ཕམ་གཡུ་མཚོ་སོགས་གནས་ཆེན་ཁག་གི་སྒྲུབ་གནས་སུ་སྒོམ་སྒྲུབ་ཉམས་ལེན་བྱས་པས་དྭངས་པའི་མཁའ་ལ་ཐོ་རེངས་ཀྱི་ཉི་རྩེ་ཞུགས་པ་བཞིན་ཉམས་རྟོགས་ཀྱི་ཀློང་བརྡོལ།ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་རྗེའི་རྣམ་ཐར་རྟོགས་བརྗོད་མེ་ཏོག་ཆུན་པོ་རྩོམ་པའི་དབུ་བཟུང་བ་ཡིན་ཞེས་བསྟན་བཅོས་རང་གི་མཛད་བྱང་དུ་གསལ།རྗེས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བཀའ་བཞིན་མདོ་སྨད་མཛོད་དགེ་འབྲང་རྒྱས་ཀྱི་ས་དེརར་དགོན་པ་བཏབས་ཏེ་མཚན་བཀྲ་ཤིས་བསམ་འགྲུབ་རབ་བརྟན་གླིང་ཞེས་གསོལ།དགོན་པ་འདི་མཛོད་དགེ་ཡུལ་ཕྱོགས་སྤྱིའི་མ་དགོན་དུ་གྱུར་བ་དང་མཚན་སྙན་གྲགས་ཀྱི་བ་དན་རྒྱ་བོད་ཧོར་གསུམ་དུ་གྲགས།

དཀར་ཆག

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པའི་མེ་ཏོག

ཁྱིམ་ནས་ཁྱིམ་མེད་པར་ངེས་པར་འབྱུང་བ་ཡོངས་སུ་བླངས་པའི་མེ་ཏོག

དོན་ཆེན་པོའི་གནས་ལ་ཐོག་མར་ཞུགས་པའི་མེ་ཏོག

གཙོ་བོར་བྱམས་ཆོས་རྣམས་ལ་མང་དུ་གསན་པར་མཛད་པའི་མེ་ཏོག

མཉམ་མེད་རེད་མདའ་བ་ཆེན་པོ་ཐོག་མར་བསྟེན་ནས་མངོན་པ་དང་དབུ་མ་གསན་པའི་མེ་ཏོག

མངོན་པ་གོང་མ་དང་ཚད་མ་ལ་གཙོ་བོར་གསན་པ་མཚད་པའི་མེ་ཏོག

ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལྷག་མ་རྣམས་གསན་པ་དང་མཁས་པའི་གྲྭ་སར་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་པའི་མེ་ཏོག

ཞུགས་པ་ཡོངས་སུ་རྫོགས་པ་དགེ་སློང་གི་བརྟུལ་ཞུགས་ཡང་དག་པར་བཞེས་པའི་མེ་ཏོག

ལེགས་པར་བཤད་པ་གསེར་གྱི་ཕྲེང་བ་བརྩམས་པ་དང་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ངཕ་མཚར་པའི་མེ་ཏོག

སྔགས་ཀྱི་ཐེག་པ་ལས་བརྩམས་པའི་མང་དུ་ཐོས་པ་ཡོངས་སུ་བཙལ་བའི་མེ་ཏོག

བླ་དང་ཡི་དམ་དབྱེར་མེད་དུ་བགྱིས་ཏེ་ཆེས་དཀའ་བའི་གནས་ལ་དཔྱོད་པ་མཛད་པའི་མེ་ཏོག

འཇམ་དབྱངས་ཨ་ར་པ་ཙ་ན་ཐོག་མར་ཞལ་གཟིགས་པའི་མེ་ཏོག

བསྒྲུབ་པའི་འཇུག་ངོགས་སུ་བསགས་སྦྱང་ལྷུར་མཛད་པ་དང་དག་པའི་སྣང་བ་ཡང་དག་པར་འབར་བའི་མེ་ཏོག

རྫིང་ཇིའི་གཙུག་ལག་ཁང་ཞིག་གསོས་དང་འདུལ་ཁྲིམས་ལེགས་པར་ཚུགས་པའི་རྟེན་འབྲེལ་མཛད་པའི་མེ་ཏོག

ལྷོ་བྲག་བྲ་བོ་དགོན་པར་རྗེ་བཙུན་ནམ་མཁའ་རྒྱལ་མཚན་པ་དང་མཇལ་ཏེ་ངོ་མཚར་པའི་སྣང་བ་དང་རྨད་དུ་བྱུང་བའིའ་ལུང་བསྟན་མཛད་པའི་མེ་ཏོག

བཤེས་གཉེན་ཆེན་པོ་ཕྲིན་ལས་པའི་བསྟན་རིམ་གཟིགས་པ་དང་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་བའི་མེ་ཏོག

རང་ཉིད་སྟོན་པ་གཉིས་པར་གྱུར་ཏེ་གཞན་ཕན་སྣ་ཚོགས་མཛད་པའོ་མེ་ཏོག

གཉལ་དུ་ཆོས་འཁོར་ཆེན་མོ་མཛད་པ་དང་རིགས་པའི་དབང་ཕྱུག་དར་མ་རིན་ཆེན་སློབ་མར་གྱུར་པའི་མེ་ཏོག

འཕགས་པ་ཡབ་སྲས་ལྔའི་རྗེས་སུ་བཟུང་སྟེ་ཟབ་མོའི་ལྟ་བ་ལ་སྒྲོ་འདོགས་ལེགས་པར་ཆོད་པ་ངོ་མཚར་པའི་མེ་ཏོག

རྒྱ་སོག་ཕུར་ཕྱོགས་བཅུའི་སངས་རྒྱས་ཞལ་གཟིགས་པ་དང་ཉང་པོ་མདང་མདོའི་དགོན་པར་ཆོས་འཁོར་བསྐོར་བའི་མེ་ཏོག

རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས་ཏེ་ཞི་ལྷག་གི་བཤད་པ་མཛད་པའི་མེ་ཏོག

འདུལ་བའི་ལག་་ལེན་ལེགས་པར་ཚུགས་ཏེ་བསྟན་པའི་དག་ཐེར་མཛད་པ་དང་ལེགས་པར་བཤད་པའི་རྒྱ་མཚོ་བྱང་ཆུབ་ལམ་གྱི་རིམ་པ་བརྩམས་པའི་མེ་ཏོག

རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་བརྩམས་པ་ངོ་མཚར་བའི་མེ་ཏོག

སེ་ར་ཆོས་སྡིངས་སུ་དབུ་མ་རྩ་བའི་རྣམ་བཤདབ་རིགས་པའི་རྒྱ་མཚོ་དང་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་བཤད་སྙིང་པོ་བརྩམས་པ་དང་སའི་དབང་ཕྱུག་རྒྱ་ནག་ཡུང་ལོ་རྒྱལ་པོ་ལུང་དང་འབུལ་སྐྱེལ་སྤྱན་འདྲེན་པར་བྱུང་བའི་མེ་ཏོག

སེ་ར་ཆོས་སྡིངས་དང་སྐྱིད་སྨད་གྲུམ་བུ་ལུང་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་ཐུགས་ཀྱི་སྲས་གཅིག་པུ་བ་མཁས་གྲུབ་རིན་པོ་ཆེ་ཞལ་སློབ་ཏུ་གྱུར་པའི་མེ་ཏོག

ར་ས་འཕྲུལ་སྣང་དུ་ཆོ་འཕྲུལ་ཆེན་པོའི་མཆོད་པ་སྨོན་ལམ་ཆེན་མོར་གྲགས་པ་མཛད་པའི་མེ་ཏོག

དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆེ་བ་མདོར་བྱས་པའི་མེ་ཏོག

འོལ་ཁ་བསམ་གཏན་གླིང་དུ་རྒྱུད་སྡེ་མཐའ་དག་གི་གནད་བཀྲོལ་དུ་རུང་བའི་མཚན་མ་ཁྱད་པར་ཅན་གཟིགས་པའི་མེ་ཏོག

རྒྱུད་དོན་མངོན་དུ་གྱུར་ནས་ལེགས་པར་བཤད་པའི་གཏེར་ཆེན་པོ་རིམ་པ་ལྔ་གསལ་བའི་སྒྲོན་མེ་ཁྲིད་དང་བཅས་པ་བརྩམས་པའི་མེ་ཏོག

བདུད་བཏུལ་བའི་མེ་ཏོག

མཐར་ཐུག་པའི་འབྲས་བུ་མངོན་དུ་མཛད་པ་ངོ་མཚར་རྨད་དུ་བྱུང་བའི་ལྟས་དང་བཅས་པའི་མེ་ཏོག

མི་ཡི་དབང་པོ་གོང་མ་ཆེན་པོས་བཀྲ་ཤིས་དོ་ཁར་སྤྱན་དྲངས་ཏེ་ཆོས་འཁོར་བསྐོར་བ་དང་སླར་གདན་ས་ཆེན་པོ་དགེ་ལྡན་དུ་ཕེབས་ཏེ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཆོས་ཀྱི་དུང་ཆེན་པོ་བུས་པ་དང་རིན་པོ་ཆེའི་མྱུ་གུ་ལ་སོགས་པའི་རྩོམ་པ་གནང་བའི་མེ་ཏོག

རྨད་དུ་བྱུང་བའི་གཙུག་ལག་ཁང་རྟེན་དང་བཅས་པ་བཞེངས་པའི་མེ་ཏོག

གསང་བདེ་དུས་འཁོར་དབུ་ཚད་ལམ་རིམ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་ཟབ་པ་དང་རྒྱ་ཆེ་བ་དང་བླ་ན་མེད་པ་བསྐོར་བའི་མེ་ཏོག

བསྟན་པ་ལ་བྱ་བ་ཆེན་པོ་མཛད་པའི་མཛད་པ་ཁྱད་པར་དུ་བརྗོད་པའི་མེ་ཏོག

གསུང་གི་ཐ་མ་བསྩལ་ཏེ་གདུལ་བྱ་སྨིན་གྲོལ་ལ་བཀོད་པའི་མེ་ཏོག

མྱ་ངན་ལས་འདས་པའི་མཛད་པ་བསྟན་པའི་མེ་ཏོག

དགོངས་པ་ཡོངས་སུ་རྫོགས་པར་བསྟན་པའི་མེ་ཏོག

སྤྲུལ་པའི་སྐུར་སངས་རྒྱས་པའི་མེ་ཏོག

ལུང་བསྟན་སྣ་ཚོགས་པའི་མེ་ཏོག

མཇུག་བྱང་དང་སྨོན་ཚིག

购买记录(近期成交数量0)

还没有人购买过此商品
总计 0 个记录,共 1 页。 第一页 上一页 下一页 最末页

用户评论(共0条评论)

  • 暂时还没有任何用户评论
总计 0 个记录,共 1 页。 第一页 上一页 下一页 最末页
用户名: 匿名用户
E-mail:
评价等级:
评论内容:
验证码: captcha