购物车0

您购物车暂商品,赶紧选购吧!
产品分类
浏览历史

བསོད་ནམས་འཆི་མེད།

མཁས་དབང་བསོད་ནམས་འཆི་མེད་མཆོག་ནི་སྤྱི་ལོ1962ལོར་ཁམས་སྡེ་དགེར་སྐྱེས་ཤིང་ཆུང་དུས་ནས་ཁུ་བོ་མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་གི་བརྒྱུད་འཛིན་འཛིན་གྱི་སློབ་མར་ཉར་ནས་བོད་རིག་གནས་སྤྱི་དང་ཁྱད་པར་དུ་སྨན་རྩིས་གཉིས་ལ་མཐར་ཕྱིན་པའི་སློབ་གཉེར་བྱས་ཏེ་ད་ལམ་མཁས་དབང་གང་དེའི་རྒྱུད་པ་དངོས་འཛིན་མཁན་གྱི་སློབ་གཅིག་པུ་དེ་ཡིན།
མཁས་དབང་བསོད་ནམས་འཆི་མེད་ནི་ཐེངས་དང་པོའི་བོད་སྨན་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་ཞིང་ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་བོད་སྨན་ཞིབ་འཇུག་སོའི་ཡི་སོ་ཀྲང་། བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་མི་དམངས་མཐུན་ཚོགས་ཀྱི་མཐུས་མི། བོད་རང་སྐྱོང་ལྗོངས་དུས་རབས་ལས་བའི་སྣེ་ཁྲིད་མཁན། དབྱིན་གོ་ཏ་ར་བོད་སྨན་སློབ་གྲྭའི་གདན་ཞུ་དགེ་རྒན་ཆེན་མོ། པེ་ཅིང་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་ཁང་གི་གདན་ཞུའི་ཞིབ་འཇུག་པ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་ཁང་གི་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་བོད་སྨན་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ།ཟི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གདན་ཞུའི་དགེ་རྒན་ཆེན་མོ་སོགས་ཀྱི་གོ་མིང་བཞེས་བཞིན་ཡོད།
ཁོའི་གསུང་རྩོམ་ལ་རླུང་མཁྲིས་བད་གསུམ་གྱི་རྣམ་བཤད་ཁུ་བོའི་ཞལ་ལུང་བརྩམས་པ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་རིམ་པོའི་དུས་དེབ་སྟེང་བོད་ལུགས་གསོ་བ་རིག་པའི་བཤག་བཅོས་ཞེས་པ་སོགས་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཡོད་པའི་རྩོམ་ཡིག་ཉི་ཤུ་ལྷག་ཙམ་བྲིས་ཡོད་པ་ལ་དེའི་ནང་ཁ་ཅིག་ལ་ཕུལ་བྱུང་རྩོམ་ཡིག་གི་བྱ་དགའ་ཡང་ཐོབ་ཡོད།

官方网站: http://
分类浏览:
总计 0 个记录