购物车0

您购物车暂商品,赶紧选购吧!
产品分类
浏览历史

པཎ་ཆེན་བསོད་ནམས་གྲགས་པ།

པཎ་ཆེན་བསོད་ནམས་གྲགས་པ་ནི་བོད་དབུས་གཙང་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་རྩེད་ཐང་དགོན་པར་ཚོགས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། དགུང་ལོ་བཅུ་དྲུག་ཐོག་ལྷ་སར་ཕེབས་ཏེ་སྔ་ཕྱིར་སེ་ར་ཐེག་ཆེན་གླིང་དང་། རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མཐའ་དག་ལ་སྦྱངས་བ་མཐར་ཕྱིན་མཛད་པས་མཁས་བའི་གྲགས་པ་འབར། དགུང་ལོ་སོ་བཞི་བར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྒྱུད་ཀྱི་ཁྲིད་གནང། དགུང་ལོ་ཞེ་བརྒྱད་པར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་ལྟར་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོར་ལོ་ལྔ་བཞུགས། དགུང་ལོ་ང་གཉིས་བ་སྟེ། སྤྱི་ལོ1529ལོར་དགའ་ལྡན་ཁྲིར་ཕེབས་ཏེ་ལོ་བདུན་ལ་མདོ་སྔགས་ཀྱི་འཆད་ཁྲིད་བསྐྱངས། དགུང་ལོ་རེ་དྲུག་པར་རེ་ཞུས་བཞིན་ལོ་བཞིའི་རིང་ལ་འབྲས་སྤུངས་སྤྱི་མཁན་མཛད། སྐབས་དེར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་དགེ་བསྙེན་གྱི་སློབ་དཔོན་མཛད། དགུང་ལོ་རེ་དགུ་བ་ནས་དགུང་ལོ་དོན་བདུན་པར་སེ་རའི་མཁན་པོ་མཛད་དོ། །
官方网站: http://
分类浏览:
总计 0 个记录